Kuenselཟམ་བཟོ་སྐྲུན་འབད་ནི་ ཕྱིས་ཏེ་ལུས་མི་གིས་ བསམ་རྩེ་རྒེད་འོག་༥ ལུ་ བར་ཆད་འབྱུང་ནི་ཨིནམ།
༉ གནམ་བྱཱར་གྱི་དུས་ཚོད་རན་དོ་ཡོད་མི་དང་བསྟུན་ བསམ་རྩེ་ལུ་ཡོད་པའི་རྒེད་འོག་ལྔ་ ཉེན་ཁ་ཅན་གྱི་གནས་སྟངས་ནང་ ལྷོད་དེ་ཡོདཔ་ད་ དེ་ཡང་ བསམ་རྩེ་རྟེན་འབྲུ་གཞུང་ལམ་བདའ་སྟེ་ ས་གནས་ཇི་ཏི་ལུ་སྒྲིག་ཟམ་རྐྱབ་ནིའི་ལཱ་དེ་ ལས་འཆར་དང་འཁྲིལ་ འབད་མ་ཚུགས་པར་ ཕྱི་བཤོལ་སྦེ་ར་ ལུས་ཡོད་མི་ལུ་བརྟེན་ཨིན་པས།