16 November 2026Thimphu, Bhutan
All stories
Kuensel

བྱང་ཆུབ་མཆོད་རྟེན་བཞེངས་སར་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ མ་ཎི་བགྱང་ སྨོན་ལམ་བཏབ་ མར་མེ་ཕུལ་ཡོདཔ།

༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཁར་ དྲོ་པའི་ཆུ་ཚོད་༢ བརྡུངསམ་དང་འབྲེལ་ མའུ་གཙང་ཆུའི་ཉེ་འདབས་ རྟེན་འབྲེལ་ཐང་ནང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཁ་ལས་ཨོཾ་མ་ཎི་པདྨེ་ཧཱུཾ་ཟེར་བགྱངས་ ལག་པ་ལུ་ མར་མེ་བཤེད་དེ་ སྡོད་སར་མཐོངམ་ཨིན་པས།