1 November 2026Thimphu, Bhutan
All stories
Kuensel

སྤུ་ན་ཁའི་ལམ་སེལ་ལཱ་འབད་མི་ཚུ་གིས་ དངུལ་ཕོགས་བཏོགས་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་ཡོདཔ།

༉ སྤུ་ན་ཁ་དང་ དགའ་ས་རྫོང་ཁག་གི་གཞུང་ལམ་བདའ་སྟེ་ ལཱ་འབད་སྡོད་མི་ ལས་མི་༡༦ འབད་མི་ཅིག་གིས་ སྤྱི་ལོ་༢༠༢༤ ཟླ་༡༡ པ་ལས་འགོ་བཙུགས་ ཁོང་གི་དངུལ་ཕོགས་ནང་ལས་ དོགས་སེལ་ཚུ་ག་ནི་ཡང་འབད་ནི་མེད་པར་ དངུལ་བཏོགས་མིའི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩིས་ཞིབ་སྡེ་ཚན་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།