Kuenselཕགཔ་གསོ་སྐྱོང་འཐབ་མི་ཚུ་ལུ་ དཀའ་ངལ་དང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ།

༉ རྒྱལ་ཁབ་ནང་ སྒོ་ནོར་སེམས་ཅན་གྱི་གོང་ཚད་མར་བབས་སོང་མི་དང་ ཆག་གི་གོང་ཚད་ཡར་སེང་འགྱོ་མི་གཉིས་ལུ་བརྟེན་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ དེ་གིས་ གཞུང་གི་ཁ་ཐུག་ལས་ གོང་ཚད་ཀྱི་རྒྱབ་སྐྱོར་འབད་མི་དང་ མི་སེར་སོ་ནམ་པ་ཚུ་གིས་ སྤྱིར་བཏང་འོང་འབབ་བཟོ་མི་གི་བར་ན་ ཁྱད་པར་ཞུགས་དོ་ཡོདཔ་ཨིན་པས།