Kuenselཐིམ་ཕུག་གི་སྤྲོ་སྟོན་ཁང་ཚུ་ནང་ ཉེན་སྲུང་དང་ གློ་བུར་གྱི་ཐོན་སྒོ་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན?

༉ ཐིམ་ཕུག་རྒྱལ་ས་ལྟེ་བ་བཟུམ་ཅིག་ནང་འབད་བ་ཅིན་ རེས་གཟའ་ཉི་མ་དང་ ཟླཝ་གི་སྐབས་ལུ་ སྤྲོ་སྟོན་ཁང་ཚུ་ནང་ལས་ཕར་དང་ ཆང་ཁང་ སྤྲོ་ཁང་ ཟློས་གར་ཁང་ཚུ་ མགྱོགས་པ་ར་ མི་ལྟེམ་ལྟེ་གང་འགྱོ་དོ་ཡོད་མི་དང་བསྟུན་ ས་ཁོངས་མང་ཤོས་ཅིག་ནང་ དཀའ་ངལ་ཚུ་བྱུང་དོ་ཡོད་མི་དེ་ཡང་ གལ་སྲིད་ རྐྱེན་ཆག་རེ་འབྱུངམ་འདྲཝ་འབད་བ་ཅིན་ གློ་བུར་གྱི་ཐོན་སྒོ་དང་ ཉེན་སྲུང་ཅ་ཆས་ཟེརཝ་ག་ནི་ཡང་ གཞི་བཙུགས་འབད་དེ་མེད་པའི་ གསལ་སྟོན་བྱུངམ་ཨིན་པས།