Kuenselལྕང་ཡུལ་དགའ་ལེགསམོ་གི་ཁྱིམ་ ཉམས་བཅོས་འབད་ནི་ ལོ་ལས་བཅད་དེ་ཕྱིས་མི་གིས་ ཁྱིམ་དེ་རམ་སོང་ཡོདཔ།

༉ ལོ་ངོ་མང་རབས་ཅིག་གི་རིང་ལུ་ སྤུ་ན་ཁ་ ལྕང་ཡུལ་བུམོ་དགའ་ལེགསམོ་བཟའ་ཚང་ གི་ བདག་དབང་ལུ་ཡོད་པའི་ ལོ་བརྒྱ་ལས་བཅད་དེ་སོང་མི་ གཞི་བཀོད་དེ་ མཐོང་སྣང་ཅན་ཅིག་ཨིནམ་བཞིན་དུ་ འདི་ཚུ་ཉམས་གསོ་་འབད་ནི་དོན་ལུ་ འཆར་དངུལ་དང་ མཁོ་སྒྲུབ་ དེ་ལས་ བདག་སྐྱོང་གི་གནད་དོན་ཚུ་ ཡོདཔ་ཨིན་པས།