11 August 202618°CThimphu
All stories
Kuensel

ཁྲོམ་སྡེ་འགྲུལ་འཁོར་བཱསི་གི་ དེད་གཡོགཔ་ཚུ་ལུ་ ལཱ་དང་བསྟུན་པའི་ཁེ་འཐུས་མེདཔ།

༉ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ནང་ ནུབ་མོ་དང་ གཞུང་གི་ངལ་གསོའི་སྐབས་ ལཱ་འབད་བ་ཅིན་ ལཱ་འཐེབ་ཀྱི་འཐུས་ བྱིན་དགོཔ་སྦེ་བཀོད་ཡོད་རུང་ ཐིམ་ཕུག་རྒྱལ་ས་ལྟེ་བའི་ནང་ མི་མང་འགྲུལ་འཁོར་བཱསི་གི་ དེད་གཡོགཔ་ཚུ་ལུ་ མི་ཐོབ་དོ་ཡོདཔ་ཨིན་པས།