Kuenselརིན་བསྡུར་གྱི་གོང་ཚད་ དམའ་ཤོས་བཀོད་མི་གིས་ མི་མང་གི་ལཱ་འབད་ནི་ལུ་ ཐོ་ཕོག་བཞིན་དུ་ཡོདཔ།

༉ བཟོ་སྐྲུན་གྱི་སྤུས་ཚད་བྱང་ངེས་དང་ ལཱ་ཕྱིས་ཏེ་ལུས་མི་ དེ་ལས་ མི་མང་གི་ཞབས་ཏོག་འགྲུབ་ནི་ལུ་ ཚགས་ཁ་ཚུད་མ་ཚུགས་པའི་གནད་དོན་དེ་ མཁོ་སྒྲུབ་དང་ ལྟ་རྟོག་རིམ་ལུགས་སྒྲིང་སྒྲི་མེད་པའི་གུ་ འགོ་བཙུགས་ཀྱི་སྐབས་ལུ་ ཁག་འབག་གི་གནས་གོང་འཕྲོ་མཐུད་དེ་ར་ ལེགས་ལྡན་བཟོ་ནི་གིས་མ་ཚད་ མི་མང་གི་མ་རྩ་གཞི་བཙུགས་ཡུན་བརྟན་ཅན་ལུ་ ལྟ་དགོཔ་ཡོདཔ་ཨིན་པས།