Kuenselགཞུང་གིས་ བསམ་རྩེ་སྨན་ཁང་དེ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལུ་ རྒྱ་སྐྱེད་འབད་ནི།

༉ གཞུང་གི་ཁ་ཐུག་ལས་ བསམ་རྩེ་གི་སྨན་ཁང་དེ་ རྩིས་ལོ་༢༠༢༦ དང་༢༠༢༧ ནང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལུ་ ཡར་སེང་འབད་ནིའི་དོན་ལུ་ གོ་རིམ་དང་པའི་ལས་འགུལ་གྱི་ ལཱ་འབད་ནིའི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༣༠ བགོ་བཀྲམ་འབད་ཡོདཔ་ད་ ལས་རིམ་དེ་གིས་ རྫོང་ཁག་ནང་གི་གསོ་བའི་འཕྲོད་བསྟེན་ ཡར་དྲག་བཏང་ཚུགས་ནི་ཨིན་པས།