Kuenselའཁོར་ལོ་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ དོག་གསུམ་ཁྲོམ་གྱི་ ཚོང་འབྲེལ་ལེགས་ཤོམ་སོང་ཡོདཔ།

༉ བཀྲིས་གཡང་རྩེ་ དོག་གསུམ་ཁྲོམ་ཀྱི་གནས་སྟངས་ མ་འདྲཝ་ཅིག་སྦེ་ བསྒྱུར་བཅོས་འགྱོ་དོ་ཡོད་མི་དེ་ གློག་མེ་ནུས་ཤུགས་ མེ་ག་ཝཊ་༦༠༠ འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ འགོ་བཙུགས་མི་ལུ་བརྟེན་ ཨིནམ་བཞིན་དུ་ དེ་གིས་ ཚོང་འབྲེལ་ལེགས་བསྒྱུར་དང་ བཟོ་སྐྲུན་ལཱ་གསརཔ་འབད་མི་གིས་ ས་གནས་ཀྱི་དཔལ་འབྱོར་ ལེགས་ལྡན་འགྱོ་དོ་ཡོདཔ་ཨིན་པས།