Kuenselདང་ཕུ་ལས་དར་ཡོད་པའི་ ཆ་གླིང་པའི་ཁ་སྐད་ མར་ཉམས་འགྱོ་དོ་ཡོདཔ།

༉ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་ནང་ དགེ་སློང་ཅིག་གིས་ཚོང་ཁང་ནང་སོང་ཞིནམ་ལས་ ལྷང་ཁུ་གུ་ལུ་བཀྲམ་བཞག་མི་ བསིལ་ཆུ་གུ་ལུ་ མཛུབ་མོ་དཔག་སྟེ་ ཏི་རུ་གག་པ་ཟེར་སླབ་ཡོདཔ་ད་ དེ་ཡང་ ཁོ་གིས་ དྲིས་བཀོད་འབད་མི་དེ་ བསིལ་ཆུ་འདི་ལུ་ གོང་ཚད་ག་དེམ་ཅིག་སྨོ་ཟེར་བའི་ བརྡ་མཚོན་ཨིནམ་ལས་ ཁོང་གིས་ ཆ་གླིང་པའི་ཁ་སྐད་དེ་ རང་ལུགས་ཀྱི་ཐོག་ལུ་ སློབ་དོ་ཡོད་རུང་ འདི་ཚུ་མར་ཉམས་འགྱོ་དོ་ཡོད་པའི་ རྟགས་མཚན་སྟོནམ་ཨིན་པས།