Kuenselཡོན་ཕུ་ལ་ གནམ་གྲུ་ཐང་གི་དོན་ལུ་ གློག་མེ་རིམ་ལུགས་ བཙུགས་ནི་གི་གྲོས་འཆར་བཙུགས་ཡོདཔ།

༉ གཞི་རྟེན་མཐུན་རྐྱེན་དང་ སྐྱེལ་འདྲེན་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་གི་ ས་ཁོངས་ཀྱི་རྒྱུག་ལམ་བདའ་སྟེ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་པའི་སྐབས་ལུ་ མཐོང་གསལ་ལེགས་ལྡན་ལུ་བལྟ་སྟེ་ གློག་མེ་རིམ་ལུགས་བཙུགས་སྒྲིག་ འབད་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།