3 July 202623°CThimphu
All stories
Kuensel

ལྕགས་སྐུད་དྲ་མིག་གི་ར་བ་ བསྒོར་མི་གིས་ སོ་ནམ་པའི་རེ་བ་བསྒྲུབ་ཚུགས་ནི།

༉ མོང་སྒར་ ལྕགས་སི་མཁར་རྒེད་འོག་ མཁར་སྣང་-ཁེ་ཤིང་ར་སྤྱི་འོག་གི་སོ་ནམ་པ་ཚུ་ ལོ་ཨ་རྟག་ར་ རི་དྭགས་སེམས་ཅན་ རི་ཕག་ཚུ་ལུ་བརྟེན་ ལོ་ཐོག་ལུ་ གནོད་པ་སྦོམ་སྦེ་ར་བཀལ་དོ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ ས་ཞིང་ཚུ་བཤོལ་བཞག་ནི་དང་ ལོ་ཐོག་བསྡུ་གསོག་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་སྦེ་ཨིན་པས།