Kuenselཟད་འགྲོ་འཕྲོ་བརླགས་སོང་མི་དེ་ ག་ལུ་ཕོག་པའི་འགན་འཁྲི་ཨིན་ན་ ངོས་ལེན་འབད་དགོཔ།

༉ རྒྱལ་ཁབ་ནང་ དུས་ཀྱི་གྱུར་བ་དང་བསྟུན་ གོང་འཕེལ་གྱི་ལས་སྣ་ཚུ་ འདྲ་མིན་སྣ་ཚོགས་སྦེ་ འགྱོ་དོ་ཡོདཔ་ལས་ དེ་གིས་ མི་སྡེའི་ཕན་བདེ་ལུ་ ཕན་སྦོམ་སྦེ་ར་ ཐོགས་དོ་ཡོད་མི་ལུ་བརྟེན་ གཞུང་སྐྱོང་དང་ གཞུང་འབྲེལ་ ས་གནས་འགོ་ཁྲིདཔ་ཚུ་གིས་ ག་དེ་དྲག་དྲག་ རང་སོའི་རྒེད་འོག་ནང་ གོང་འཕེལ་གྱི་ལས་སྣ་འདི་ལུ་ར་ གཙོ་རིམ་སྒྲིག་སྟེ་ ཨུ་ཚུགས་བསྐྱེདཔ་ཨིན་མས།