Kuenselཧཱ་རློན་བཤེར་ཅན་གྱི་ས་ཁོངས་ནང་ ཁྲུང་ཁྲུང་སྐེ་ནག་གི་ བྱིའུ་ཅུང་བཏོན་སའི་ས་ཁོངས་གསརཔ།

༉ ཁྲུང་ཁྲུང་སྐེ་ནག་དེ་ སྤྱིར་བཏང་འབྲུག་རྒྱལ་ཁབ་ གནམ་བྱཱར་གྱི་སྐབས་ལུ་ གནས་སྡོད་མི་གི་བྱ་རིགས་ཅིག་མེནམ་ད་ དེ་ཡང་ ལ་མཐོ་སའི་གངས་རི་ཚུ་གུ་ལས་ཕར་ འཕུར་འགྲུལ་འབད་ཐོག་ལས་ གནམ་དགུན་གྱི་སྐབས་ལུ་ གྱང་བསིལ་ཅན་གྱི་ས་གནས་ཚུ་ནང་ ཟེགསམ་བཟའ་བར་འོང་དོ་ཡོད་མི་ཚུ་ཡང་ ས་ཁ་མཐོ་ས་ ཕོབ་སྦྱིས་ཁ་དང་ བུམ་སྡེ་གླིང་ཚུ་ནང་ འོང་དོ་ཡོདཔ་ཨིན་པས།