Kuenselསྒོ་བསྡམས་བཞག་མི་ རྡོ་དགག་སློབ་གྲྭ་དེ་ ཨམ་སྲུའི་སོ་ནམ་ལས་འགུལ་ལུ་ བསྒྱུར་བཅོས།

༉ དར་དཀར་ནང་ སྒོ་ཤིང་རྒེད་འོག་ རྡོ་དགག་མི་སྡེ་སློབ་གྲྭ་དེ་ ལག་ལེན་མ་འཐབ་པར་བཞག་པའི་ཤུལ་ལུ་ ས་ཁོངས་དེ་ཚལ་མ་གིས་གང་ཡོདཔ་ད་ ཕུཊ་བཱོལ་རྩེད་ཐང་ནང་ ཧོན་སྡོང་གིས་ཨེབ་སྟེ་ཡོད་པའི་གུ་ སློབ་ཁང་ཀ་ར་བཏང་ཡོད་མི་དེ་ བཙའ་གིས་ཟུན་མིའི་ལྕགས་ཤོག་གི་འོག་ལུ་སྦེ་ སྤྱི་ལོ་༢༠༡༧ ལུ་ སློབ་གྲྭ་དེ་ སྒོ་བསྡམས་བཞག་པའི་ཤུལ་ལུ་ ས་ཆ་ཨེ་ཀར་ལྔ་འབད་མི་སློབ་གྲྭ་དེ་ སྣང་མེད་སྦེ་ར་ ལུས་ཡོདཔ་ཨིན་པས།